ཞལ་གཟིགས་དང་ལས་འགན།

ང་ཚོའི་སྐོར།

ཞལ་གཟིགས།

ནང་པའི་གནའ་བོའི་ཤེས་རབ་དང་། ཚན་རིག ཤེས་ཡོན། སྦྱིན་བདག་རྣམས་ཀྱི་གཏོང་ཕོད་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་དང་མཐུན་སྒྲིལ་གྱི་ཆེད་དུ། སྡུག་བསྔལ་སེལ་བ་དང་འགྲོ་བ་མིའི་དགེ་མཚན་གོང་འཕེལ་དུ་གཏོང་བ་ནི་ཐར་ལམ་གྱི་ཞལ་གཟིགས་ཡིན། །

ལས་འགན།

བོད་བརྒྱུད་ནང་བསྟན་གྱི་ཟབ་མོའི་བརྒྱུད་པ་དང་། ལྟ་གྲུབ། ཕྱག་བཞེས་ཀྱི་རྩ་བའི་སྙིང་པོ་དང་། ཡོངས་འཛིན་མི་འགྱུར་རིན་པོ་ཆེ་མཆོག་གི་རྒྱ་ཆེ་བའི་དགོངས་བཞེད་ལ་གཞི་བཅོལ་ཏེ། གནས་མཆོག་གཏེར་སྒར་དགོན་དང་དེའི་ཁོངས་གཏོགས་ཀྱི་ཚོགས་པ་རྣམས་ཀྱིས་རིག་པ་དང་། སྙིང་རྗེ། ཤེས་རབ་བཅས་གོང་མཐོར་གཏོང་བའི་མཐུན་རྐྱེན་སྒྲུབ་ཀྱི་ཡོད།

ང་ཚོའི་འདྲེན་པའི་སྟོན་པ་མི་འགྱུར་རིན་པོ་ཆེ་མཆོག་གིས་ལྟ་བ་སྟེ་སངས་རྒྱས་ཀྱི་ཆོས་བསྟན་པ་དང་། སྒོམ་པ་སྟེ་ཆོས་ཉམས་ལེན་དང་སློབ་གཉེར་གྱི་སྒོ་ནས་རྒྱུད་ལ་སྦྱོར་བ། སྤྱོད་པ་སྟེ་ཡུལ་མི་དང་གདོད་མའི་འཚོ་ཐབས་ལ་ཕན་གྲོགས་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཞབས་ཞུའི་ལས་གཞི་བཅས་ཀྱི་སྒོ་ནས་མཛད་པ་བསྐྱངས་གནང་གི་ཡོད། དཀྱིལ་འཁོར་འདིའི་ཁོངས་སུ་གཏོགས་པའི་ཚོགས་པ་རེ་རེས་ཐབས་ལ་མཁས་པའི་སྒོ་ནས་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གཅིག་ཏུ་བསྒྲིལ་བའི་མཐུན་ལམ་གཉིས་ཀྱི་བར་དུ་ཆ་སྙོམས་པའི་འབད་བརྩོན་བྱེད་བཞིན་ཡོད།

ལམ་སྟོན་གྱི་རྩ་དོན་ཏེ་ཕར་ཕྱིན་དྲུག།

ང་ཚོའི་རྩ་བའི་ལམ་སྟོན་གྱི་རིན་ཐང་རྣམས་ནི། ང་ཚོས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་སྟངས་དང་། འཛམ་གླིང་འདི་ལ་བདག་གཅེས་ཇི་ལྟར་བྱེད་པའི་རེ་འདོད་ཀྱི་མངོན་རྟགས་ཡིན་པ་མ་ཟད། ང་ཚོའི་དགེ་འདུན་གྱི་སྡེ་ལ་ཞབས་འདེགས་ཞུ་བའི་ཚུལ་ཡང་ཡིན། དེ་དང་ཆབས་ཅིག་ཏུ་འདི་དག་གིས་ང་ཚོའི་བླང་དོར་གྱི་ཆ་དང་ཀུན་སྤྱོད་ལ་ལམ་སྟོན་བྱེད་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད།