བལ་ཡུལ་གྱི་གཏེར་སྒར་དགེ་རྩ་ཚོགས་པར་ཕྱི་ལོ་ ༢༠༢༣ ལོའི་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ལས་འཆར་གྱི་ཨི་ཀུའེ་ཊོར་ (Equator Prize) གཟེངས་རྟགས་ཐོབ་པ།

བལ་ཡུལ་ཏེར་སྒར་དགེ་རྩ་ཚོགས་པའམ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་(NGO) ཚོགས་པ་ཞིག་ཡིན། བོད་དང་ས་མཚམས་འབྲེལ་བའི་བྱང་ཕྱོགས་རྒྱང་ཐག་རིང་བའི་ནུབ་རི་ལྗོངས་སུ་ཕྱག་ལས་གནང་མཁན་ཞིག་ཡིན་ཞིང་། ཁོང་ཚོར་༢༠༢༣ ལོའི་ཨི་ཀུའེ་ཊོར་ (Equator Prize) བྱ་དགའ་ཐོབ་ཡོད།

(Equator Prize) བྱ་དགའ་ནི་མཉམ་འབྲེལ་རྒྱལ་ཚོགས་གོང་འཕེལ་ལས་འཆར་ (UNDP) གྱིས་གནང་བའི་རྒྱལ་སྤྱིའི་གཟེངས་རྟགས་ཤིག་ཡིན། འདི་ནི་ལོ་གཉིས་རེའི་མཚམས་སུ་སྐྱེ་དངོས་སྣ་ཚོགས་རང་བཞིན་སྲུང་སྐྱོབ་དང་རྒྱུན་འཁྱོངས་ཐུབ་པའི་བེད་སྤྱོད་བརྒྱུད་ནས་དབུལ་ཕོངས་ཉུང་འཕྲི་བྱེད་པར་ཡུལ་མི་དཀྱུས་མའི་འབད་བརྩོན་ཁྱད་པར་ཅན་ལ་ངོས་འཛིན་ཞུ་ཆེད་དུ་སྤྲོད་ཀྱི་ཡོད། ཚ་བའི་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་རྒྱུན་འཁྱོངས་ཐུབ་པའི་ཡུལ་མིའི་རང་འགུལ་གྱི་བྱ་གཞག་རྣམས་རྩ་བ་ཚུགས་པ་དང་ཆབས་ཅིག དེ་དག་གིས་ལྷན་ཅིག་ཏུ་རྒྱུན་འཁྱོངས་གོང་འཕེལ་གྱི་དམིགས་ཚད་ (SDGs) འགྲུབ་པར་ཞབས་འདེགས་ཞུ་བཞིན་པའི་ས་གནས་ཀྱི་ལེགས་གྲུབ་རྒྱལ་སྤྱིའི་ལས་འགུལ་ཞིག་གི་གཞི་རྩ་འདིང་བཞིན་ཡོད། ཚ་བའི་ཁུལ་གྱི་ས་གནས་མི་མང་དང་གདོད་མའི་མི་རིགས་ཁག་གིས་རྒྱུན་འཁྱོངས་གོང་འཕེལ་གྱི་དཔེ་མཚོན་སྟོན་བཞིན་པ་དང་བསྟུན། (Equator Prize) ཀྱིས་ཁོང་ཚོའི་འབད་བརྩོན་རྣམས་རྒྱལ་སྤྱིའི་སྟེང་དུ་བསྔགས་བརྗོད་བྱས་ཏེ་དོ་སྣང་ཆེན་པོ་བྱེད་དུ་འཇུག་གི་ཡོད།

བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ COP-28 (ཟླ་བ་བཅུ་པའི་དཀྱིལ་ཙམ་) (Dubai) ནས་དྲ་རྒྱའི་བརྒྱུད་ལམ་ཐོག་སྤེལ་རྒྱུ་ཡིན། མཛད་སྒོ་འདིའི་ཐོག་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྒྱུ་དང་གཞན་ཡང་ཧི་མ་ལ་ཡའི་ཁོར་ཡུག་དང་ཚེ་སྲོག་སྲུང་སྐྱོབ་ཚོགས་པ (H.E.L.P.) གསར་དུ་བཙུགས་ཡོད། ཧི་མ་ལ་ཡའི་མི་སྡེ་རྣམས་ལ་ཞབས་ཞུ་ལེགས་པར་བསྒྲུབ་ཆེད། ཉེ་ཆར་བལ་ཡུལ་ཏེར་སྒར་དགེ་རྩ་ཚོགས་པ་དེ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ལས་དོན་སྒྲུབ་མཁན་ཚོགས་པ་ཁག་གཉིས་སུ་བགོས་ཡོད་པ་ནི། བལ་ཡུལ་ཏེར་སྒར་དགེ་རྩ་ཚོགས་པ་དང་། ཧི་མ་ལ་ཡའི་ཁོར་ཡུག་དང་ཚེ་སྲོག་སྲུང་སྐྱོབ་ཚོགས་པ་ (H.E.L.P.) བཅས་སོ།།

ཧི་མ་ལ་ཡའི་རི་རྒྱུད་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བར་གཏེར་སྒར་བལ་ཡུལ་དགེ་རྩ་ཚོགས་པའི་ལས་དོན་མུ་མཐུད་སྤེལ་ཆེད། རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ (H.E.L.P.) ཞེས་པའི་ཁེ་སྤེན་ལ་མི་དམིགས་པའི་ཚོགས་པ་གསར་པ་ཞིག་བཙུགས་གནང་ཡོད། ལས་གཞི་འདི་ནི་འབྲེལ་མཐུད་པ་ (Margot Clavier) ཡིས་སྣེ་ཁྲིད་དེ་ས་གནས་མི་མང་རྣམས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཐུབ་པ་དང་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན། རིན་པོ་ཆེ་མཆོག་གི་དམིགས་ཡུལ་ནི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ཉུང་འཕྲི་དང་། ལྷན་སྐྱེས་ཀྱི་བདེ་སྐྱིད་གོང་འཕེལ་དུ་བཏང་སྟེ་འགྲོ་བ་མིའི་རིགས་ཀྱི་བདེ་ཐབས་ལ་རྒྱབ་སྐྱོར་གནང་རྒྱུ་དེ་ཡིན།།

(H.E.L.P.) ཡིས་གཏེར་སྒར་དགེ་རྩ་ཚོགས་པས་བུད་མེད་ཀྱི་ནུས་པ་གོང་སྤེལ་གཏོང་བའི་ལས་གཞི་མུ་མཐུད་དེ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་དབྱིན་ཡིག་དང་། བལ་ཡིག རྩིས། དེ་བཞིན་བསྐྱར་སྤྱོད་རུང་བའི་རས་ཀྱི་གཙང་ཤོག་བཟོ་བ་དང་ཁ་ལག་བཟོ་སྟངས་སོགས་ལག་ཤེས་སྦྱོང་བརྡར་དང་། གཞི་རིམ་གྱི་ཡིག་རྩིས་སློབ་ཁྲིད་བྱེད་རྒྱུ་ཡིན། རིན་པོ་ཆེའི་འཁྲུངས་ཡུལ་ས་མ་གོང་ནི་ (Manaslu ༨༡༦༣m) ཡི་ཞོལ། མཐོ་ཚད་སྤྱི་ཁྲེ་ ༣༥༥༠ ཡོད་པའི་ས་མ་གོང་དུ་བུད་མེད་རྣམས་ཀྱིས་གཡག་གི་ཕྱུར་བ་བཟོ་སྟངས་མུ་མཐུད་སློབ་གཉེར་དང་ལག་ལེན་བྱེད་རྒྱུ་རེད།

(H.E.L.P.) ཡིས་གཏེར་སྒར་དགེ་རྩ་ཚོགས་པས་ལས་འཆར་མུ་མཐུད་ནས་སྲུང་སྐྱོབ་བྱེད་ཐུབ་པའི་སྐྱེ་དངོས་སྣ་མང་གི་རིན་ཐང་ལྡན་པའི་ཐོན་རྫས་བཟོ་བའི་ལས་གཞི་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། དེ་ནི་སྡེ་ཚོགས་ལ་ཡོང་འབབ་བསྐྲུན་རྒྱུའི་ཆེད་དུ་ཡིན། དཔེ་མཚོན་གཅིག་ནི་འབྲས་བུ་དམར་པོ་ཅན་གྱི་རྒྱ་སེ་མེ་ཏོག་གི་རིན་ཐང་ལྡན་པའི་ཐོན་རྫས་བཟོ་བའི་ལས་གཞི་དེ་ཡིན། དེས་ས་མ་གྲོང་ཚོའི་མི་རྣམས་ལ་འབྲས་བུ་དམར་པོ་བཏུས་ནས་སྐམ་པོ་བཟོས་ཏེ་ Canada བསྐུར་བ་དང་། དེ་ནས་ལག་ཤེས་ཇ་ཚོང་ཁང་གི་རོགས་རམ་འོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཇ་ཞེས་པ་བཟོ་སྐྲུན་བྱེད་པའི་ཡོང་འབབ་རག་གི་ཡོད། ཇ་འདིའི་ཁེ་བཟང་ཡོངས་རྫོགས་སྡེ་ཚོགས་ལ་འགྲོ་གི་ཡོད།

(H.E.L.P.) ཡིས་གཏེར་སྒར་དགེ་རྩ་ཚོགས་པའི་ལེགས་གྲུབ་བྱུང་བའི་སྐྱེ་དངོས་རིག་པའི་ཁྱད་ཆོས་ལྡན་པའི་ཚ་དྲོད་ཁང་གི་ལས་གཞི་རྒྱ་སྐྱེད་བྱེད་རྒྱུ་རེད། ལས་གཞི་འདིས་ས་མ་གོང་དང་སམ་དོ་(མཐོ་ཚད་སྨི་ ༣༩༠༠) རུ་ཉི་མའི་ནུས་པ་བེད་སྤྱོད་བྱས་པའི་ཚ་དྲོད་ཁང་ ༦༢ བསྐྲུན་ཏེ། གྲོང་མི་རྣམས་ལ་སྔོན་ཆད་གྲོང་ཚོར་མེད་པའི་སྔོ་ཚལ་སྣ་ཚོགས་སྐྱེ་འདེབས་བྱེད་ཐུབ་པ་བཟོས་ཡོད། དཔེར་ན། ཊ་མེ་ཊོས། ཛུ་ཆི་ནི། བྷིནས། ཀུ་ཀུམ་བར། ཅི་ལིས། ལེ་ཏས། སྤི་ནིཇ། ཀྱ་བྷིཇ། དང་ཀཱ་ལི་ཕ་ལཝར་སོགས་རེད།

(H.E.L.P.) ཡིས་ས་མ་གོང་དང་བསམ་མདོ་ལྟ་བུའི་གྲོང་སྡེ་ཁག་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཐུབ་པའི་ནུས་པ་གོང་འཕེལ་གཏོང་བའི་ལས་གཞི་ཞིག་སྤེལ་རྒྱུ་རེད། འདིའི་ནང་དུ་གཤམ་གསལ་གྱི་དོན་ཚན་ཁག་འདུས་ཡོད་དེ། གནའ་སྲོལ་དང་འཕྲུལ་འཁོར་གྱི་ལག་རྩལ་ཟུང་འབྲེལ་ཐོག་ནས་ནགས་ཚལ་བསྐྱར་གསོ་རྒྱ་ཆེར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། གནམ་གཤིས་ལ་འཚམ་པའི་ཞིང་ལས་ལག་རྩལ་བེད་སྤྱོད་གཏོང་བར་རོགས་འདེགས་བྱ་རྒྱུ། ཤིང་འབྲས་དང་ལོ་ཏོག་མཉམ་འདེབས་ཀྱི་ལས་རིགས་གོང་སྤེལ་གཏོང་རྒྱུ། གཡག་བལ་གྱི་ལག་ཤེས་བཟོ་ལས་དང་སྨན་རྩྭ་ལྟ་བུའི་རྒྱུན་གནས་ཐུབ་པའི་དཔལ་འབྱོར་གྱི་འཁོར་ཐག་བསྐྲུན་རྒྱུ། དེ་བཞིན་ནགས་ཚལ་གཅོད་འབྲེག་ཉུང་དུ་གཏོང་ཆེད་བསྐྱར་སྐྱེས་ནུས་པའི་འབྱུང་ཁུངས་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་བཅས་སོ།།

Previous
Previous

བལ་ཡུལ་གཏེར་སྒར་དགེ་རྩ་ཚོགས་པས་བྱིས་པའི་སློབ་ཡོན་རོགས་སྐྱོར་གྱི་ལས་གཞི་དབུ་བརྙེས་པར་མཛད།