(H.E.L.P.) གཟའ་འཁོར་གསུམ་གྱི་རིང་ལ་འཁྱམས་དང་ཁྱིམ་གྱི་ཁྱི་དང་ཞི་མི་བཅས་ལ་ས་བོན་འགོག་པ་དང་རིམས་ནད་སྔོན་འགོག་གི་སྨན་ཁབ་རྒྱག་པའི་ལས་གཞི་ཞིག་ལེགས་གྲུབ་བྱུང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༥
(H.E.L.P.) ཟླ་བ་འདིའི་ནང་རོགས་ཟླ་ཚོགས་པ་ (Animal Nepal) དང་མཉམ་འབྲེལ་ཐོག རྩུམ་དང་ནུབ་རི་ལྗོངས་སུ་འཁྱམས་དང་ཁྱིམ་གྱི་ཁྱི་དང་ཞི་མི་བཅས་ལ་གཤགས་བཅོས་དང་སྔོན་འགོག་སྨན་ཁབ་རྒྱག་པའི་ལས་རིམ་གཟའ་འཁོར་གསུམ་རིང་སྤེལ་བ་ལེགས་པར་གྲུབ། མི་དང་དུད་འགྲོ། སྤྱི་ཚོགས་བཅས་ཀྱི་དབར་ལ་ཡོད་པའི་འབྲེལ་ལམ་ནི་མཐོང་ན་དགའ་འོས་པ་ཞིག་འདུག(Animal Nepal) གྱིས་དུད་འགྲོ་ ༢༥༠ ལྷག་ལ་སྨན་བཅོས་བྱས་ཡོད། གཤགས་བཅོས་དང་སྔོན་འགོག་སྨན་ཁབ་ཀྱིས་མ་ཚད། དུད་འགྲོ་མང་པོ་ལ་འབུ་སྨན་དང་ལྗི་བ་སེལ་བའི་སྨན་བཅོས་ཀྱང་བྱས་ཡོད།
སྒར་འདི་ནི་ལོ་བཞི་ནས་ལྔ་བར་གྱི་ལས་གཞི་ཞིག་ཡིན་པ་དང་། འདི་ལོར་བགྲོད་མ་ཐུབ་པའི་མཐའ་འཁོར་གྱི་ས་ཁུལ་རྣམས་སུ་སླེབས་པའི་རེ་བ་བྱེད་ཀྱིན་ཡོད། ཁོང་ཚོས་ས་ཁུལ་དེ་དག་གི་ཁྱི་རྒོད་ཀྱི་དཀའ་ངལ་ལ་བརྟག་དཔྱད་དང་རྒྱུས་ལོན་བྱེད་བཞིན་ཡོད་དེ། ཁྱི་ཡིས་རྨུག་པའི་འཇིགས་པ་སྔོན་འགོག་བྱེད་ཆེད་སྙིང་རྗེ་དང་ལྡན་ཞིང་ནུས་པ་ཐོན་པའི་སྒོ་ནས་དོ་དམ་བྱེད་ཐུབ་པའི་ཆེད་དུ་ཡིན།