འདི་གར་གཏེར་སྒར་དགོན་དུ་སྤྱི་ལོ་༢༠༢༥ ཟླ་བ་ ༩ སྤྱི་ཚེས་ ༢༠ ནས་ ༢༦ བར་སྔགས་གསོ་སྒྲུབ་པ་ཆེན་མོ་སྔོན་འགྲོའི་སྟ་གོན་དང་དངོས་བཞི་ཉིན་བདུན་སྒྲུབ་རྗེས་སྒྲུབ་དབང་གནང་རྒྱུ་དང་། སྐབས་དེ་དང་བསྟུན་ནས་ ༧ སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་ཆོས་ཞུ་བ་རྣམས་ལ།
ཆོས་བརྡ་གསལ་བསྒྲགས།
སྤྱི་ཚེས་ ༢༡ ནས་ ༢༣ ལ་དགའ་བའི་འཚོ་བའི་སྒོམ་རིམ་དང་པོ་དང་།
སྤྱི་ཚེས་ ༢༤ ནས་ ༢༥ གཉིས་ལ་སྒོམ་རིམ་གཉིས་པའི་ཐོག་བཀའ་ཆོས་གནང་རྒྱུ་དང་།
ཆོས་ཞུ་བ་རྣམ་པར་ཉིན་གུང་ཞལ་ལག་གོ་སྒྲིག་ཞུ་རྒྱུ་མ་ཟད། དཀྱིལ་འཁོར་གཅིག་ཏུ་སྒོམ་ཉམས་ལེན་གནང་རྒྱུ། དེའི་ཐོག་ཞལ་ལག་དོད་བཅས་རང་མོས་ཀྱིས་ཞལ་འདེབས་འབུལ་ཆོག་པ་དང་།
ཕྱི་རྒྱལ་ཡུལ་གྲུ་ཁགས་ནས་ཕེབས་མཁན་རྣམ་པས་ཤར་ཕྱོགས་གཏེར་སྒར་གྱི་དྲ་ཚིག་ཐོག་ཐོ་འགོད་གནང་རོགས་ཞུ་རྒྱུ་དང་། འདི་གར་འབྲེལ་ལམ་ཞུ་ཡུལ་གཤམ་གསལ་ལྟར་ཡིན། །
- གཏེར་སྒར་འོད་གསལ་གླིང་འདུས་སྤྱི་ནས།
Contact Us:
Manager: Urgyen Sherab | +977 9865439066 | urgensherab7@gmail.com
Abbot: Migmar | +977 9863757090
Organizing Committee: Tergar Osel Ling Monastery | tergaroselling@gmail.com